༄༅།། རྒྱ་གར་ལྷོ་ཕྱོགས་གསར་འགྱུར་མཁོ་གཏོང་བའི་ས་དམིགས་གསལ་བསྒྲགས།༄༅། །ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་བོད་སྐད་གསར་འགྱུར་མཁོ་གཏོང་བ་གཅིག་མཁོ་བསྡུ་ཞུ་རྒྱུ་དང༌། གསར་འགྱུར་མཁོ་གཏོང་བར་འདེམས་ཐོན་བྱུང་མཚམས་ཟླ་གསུམ་རིང་ཚོད་བལྟ་དང༌། དེ་རྗེས་གསར་འགྱུར་མཁོ་གཏོང་བར་བསྐོ་གཞག་བྱ་རྒྱུ་ཡིན། གསར་འགྱུར་མཁོ་གཏོང་བའི་ས་དམིགས་འདིའི་ཡིག་རྒྱུགས་ནང་འཛུལ་ཞུགས་ཆེད་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཚན་ཐོག་ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༣༠ ནང་ཚུད་སྙན་ཞུ་ཕུལ་འབྱོར་ཐུབ་པ་དགོས། ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མཁན་ཚོར་གཤམ་གསལ་ཆ་རྐྱེན་རྣམས་ངེས་པར་དུ་ཚང་དགོས། ༡༽ བོད་མིའི་རང་དབང་ལག་དེབ་དང༌། རྒྱ་གར་ས་གནས་གཞུང་ནས་གནང་བའི་སྐྱབས་བཅོལ་ལག་ཁྱེར་ RCགཉིས། ༢༽ མཐོ་སློབ་གང་རུང་ནས་ B.A./B.Com/B.Sc ཡང་ན་དེ་དང་མཉམ་པའི་མཐོ་རིམ་སློབ་སྦྱོང་ཐོན་པ། ༣༽ བོད་ཡིག་ཤེས་ཚད་ལེགས་པོ་ཡོད་པའི་ཐོག དབྱིན་ཇིའི་ཤེས་ཚད་ཡག་པོ་ཡོད་པ། ༤༽ གསར་འགྱུར་ལས་རིགས་ལ་རྒྱུན་དུ་དོ་དབྱིངས་ཡོད་པ། ༥༽ བོད་ཀྱི་དབུས་སྐད་སྒྲ་གདངས་གསལ་པོ་ཡོད་པ་མ་ཟད། ཀློག་བཟང་པོ་ཡོད་པ། ༦༽ གསར་འགྱུར་མཁོ་གཏོང་བར་འདེམས་ཐོན་བྱུང་མཚམས་ཟླ་གསུམ་རིང་ཚོད་བལྟ་དང༌། དེ་རྗེས་ཉུང་མཐར་ལོ་གསུམ་རིང་གསར་འགྱུར་མཁོ་གཏོང་བའི་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ། གོང་གསལ་ཆ་རྐྱེན་ཁག་ལྡན་པ་དང༌། གསར་འགྱུར་མཁོ་གཏོང་བའི་ལས་དོན་ནང་ཞུགས་འདོད་ཡོད་རིགས་ནས་ཚུད་རྒྱུགས་ནང་ཞུགས་རྒྱུའི་ཆེད། དོ་བདག་རང་ཉིད་ཀྱི་སྙན་ཞུ་དང་འབྲེལ་ཡོད་ཡིག་ཆ་ཁག ད་དུང་དོ་བདག་གི་ལོ་རྒྱུས་སྙིང་བསྡུས་དང་འབྲེལ་བ་ཞུ་ཡུལ་གྱི་ཁ་བྱང་དང༌། ཁ་པར་ཨང༌། གློག་འཕྲིན་ཁ་བྱང་སོགས་གོང་ཚེས་དུས་བཀག་ནང་ཚུད་འབུལ་འབྱོར་ཐུབ་པ་དགོས་པ་དང༌། སྙན་ཞུའི་མཉམ་དུ་གོང་གསལ་ཆ་རྐྱེན་ཁག་གི་ཁུངས་སྐྱེལ་ཡིག་ཆ་ཁག་དང༌། གཞན་ཡང་སློབ་སྦྱོང་ཐོན་པའི་ལག་ཁྱེར་སོགས་ཀྱི་ངོ་བཤུས་ཐོག་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ར་སྤྲོད་ཁུངས་སྐྱེལ་གྱི་དག་མཆན་ཞུ་དགོས། དེ་བཞིན་གསར་འགྱུར་ལས་རིགས་སློབ་ཐོན་དང༌། ཡང་ན། དེའི་ཐོག་ཉམས་མྱོང་ཅན་ ༼ཉུང་མཐར་ལོ་གཅིག༽ རྣམས་ལ་ཡིག་རྒྱུགས་སྐབས་དམིགས་བསལ་བརྒྱ་ཆ་ལྔ་འབུལ་རྒྱུ་ཡིན་པ་བཅས། བཞུགས་སྒར་དྷ་རམ་ས་ལ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ལས་ཁང་ནས་ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༣༡ ལ། Editor-in-Chief, VOICE OF TIBETNarthang Building, Gangchenkyishong, Dharamsala - 176215, Distt. Kangra (H.P.) IndiaPhone: + 91-1892-222384. 224913, 228179 Email:
This e-mail address is being protected from spambots. You need JavaScript enabled to view it
Website:www.vot.org |