བོད་ཡིག
མདུན་ངོས། གཞུང་སྒེར་གསལ་བསྒྲགས།

སྐད་ཡིག་སྒྱུར་ཆས།

༢༠༠༨ ལོའི་བོད།

བཀའ་ཁྲི་ག་འདྲ་ཞིག་དགོས།

གཤམ་དུ་བཀོད་པའི་ནང་ནས་རང་ཉིད་ཀྱིས་གང་ལ་འདོད་མོས་ཡོད་པ་དེ་ལ་འདེམས་ཤོག་འཕེན་རོགས།
 

དངུལ་གྱི་འཛའ།

Amount:
From:
To:


ཞལ་འདེབས།

གསལ་བསྒྲགས།
ས་མིག་གསལ་བསྒྲགས། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
གསལ་བསྒྲགས།

༄༅། །བལ་ཡུལ་ཀོ་པན་དཔལ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་དུ་འབྲིང་རིམ་བོད་ཡིག་དགེ་རྒན་གཅིག་དང་དམའ་རིམ་ཨང་རྩིས་དགེ་རྒན་གཅིག་གི་ས་མིག་སྟོང་པ་ཡོད་པའི་སྙན་ཞུ་འབུལ་འདོད་ཡོད་མཁན་རྣམས་ནས་གཤམ་གསལ་ལྟར་ཤེས་ཚད་ལྡན་པ་དགོས་རྒྱུ།

ཆ་རྐྱེན་ནམ་ཤེས་ཚད། འབྲིང་རིམ་བོད་ཡིག་དགེ་རྒན།

༡༽འབྲིང་རིམ་བོད་ཡིག་དགེ་རྒན་ཤེས་ཚད་དུ་སློབ་དཔོན་(Acharya/ M.A)ནམ་བསྟན་བཅོས་(Shastri/B.A)ཡང་ན་དེ་མཚུངས་མཐོ་རིམ་སློབ་གྲྭ་གང་རུང་ནས་ཤེས་ཚད་མཉམ་པའི་ཕྱག་འཁྱེར་ཡོད་པ་དགོས་རྒྱུ། གལ་ཏེ་གོང་གསལ་ཕྱག་འཁྱེར་དེའི་ཐོག་དགེ་རྒན་འོས་སྦྱོང་གི་སྦྱོང་བརྡར་ཞུ་མྱོང་ཡོད་ཚེ་དམིགས་བསལ་དགོངས་བཞེས་གནང་རྒྱུ།

ཆ་རྐྱེན་ནམ་ཤེས་ཚད། དམའ་རིམ་ཨང་རྩིས་དགེ་རྒན།

༢༽ དམའ་རིམ་ཨང་རྩིས་དགེ་རྒན་ཤེས་ཚད་དུ་བསྟན་བཅོས་(Shastri/B.A)སམ་བསྟན་བཅོས་(XII)ཡང་ན་དེ་མཚུངས་མཐོ་རིམ་སློབ་གྲྭ་གང་རུང་ནས་ཤེས་ཚད་མཉམ་པའི་ཕྱག་འཁྱེར་ཡོད་པ་དང༌།  དབྱིན་སྐད་རང་སྐྱ་འཕེར་བ་ཞིག་དགོས་རྒྱུ། གལ་ཏེ་གོང་གསལ་ཕྱག་འཁྱེར་དེའི་ཐོག་དགེ་རྒན་འོས་སྦྱོང་གི་སྦྱོང་བརྡར་ཞུ་མྱོང་ཡོད་ཚེ་དམིགས་བསལ་དགོངས་བཞེས་གནང་རྒྱུ།

༣༽ ཚོགས་པ་གཞན་དུ་ཕྱག་ལས་གནང་མུས་ཡིན་ཚེ་དེ་ལས་གོང་གསལ་ས་མིག་དེར་ཕྱག་ལས་གནང་རྒྱུར་དགག་བྱ་མེད་པའི་ངོས་སྦྱོར་དགོས་རྒྱུ། གོང་གསལ་ས་མིག་ཐོག་ཕོགས་ཐོབ་ནི་བལ་ཡུལ་ནང་གི་སློབ་གྲྭ་ཁག་གི་དགེ་རྒན་དང་མཉམ་པ་ཐོབ་རྒྱུ་ཡིན་པའི་འཚང་སྙན་འབུལ་བློ་ཡོད་རིགས་ནས་འདི་གའི་ཤེས་ཡོན་འགན་འཛིན་གྱི་མཚན་ཐོག་༢༠༠༩ ཟླ་༡ ༢༡ འགྱངས་མེད་གོང་གསལ་ཡིག་ཆ་རྣམས་ཀྱི་ངོ་བཤུས་དག་མཆན་ཞུས་ཏེ་གཤམ་གསལ་ཞལ་བྱང་ཐོག་སྙན་ཞུ་འབུལ་གནང་ཡོད་པ་ཞུ། བལ་ཡུལ་ཀོ་པན་དཔལ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་ནས་ཕྱི་ལོ་༢༠༠༨ ཟླ་༡༢ ཚེས་༣༠ ལ།།

To,
The Headmaster
Kopan Monastery
G.P.Box no.817
Kathamandu Nepal.

E-mail:
This e-mail address is being protected from spambots, you need JavaScript enabled to view it ,
Contect Phone:
 no-00977-1-4820756, 4820567

 
ཡོངས་ཁྱབ་གསལ་བསྒྲགས། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
གསལ་བསྒྲགས།
༄༅། ། བོད་ཀྱི་རིག་གཞུང་སྲུང་སྐྱོབས་རྒྱུན་འཛིན་དང་དར་སྤེལ་ཆེད་ཤེས་ཡོན་སྡེ་ཚན་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག གང་ཟག་སྒེར་བཅས་ལ་དཔལ་འབྱོར་མཐུན་རྐྱེན་སྦྱར་རྒྱུའི་འཆར་གཞིའི་ཁོངས་ཉམས་ཞིབ་དང༌། དཔེ་དེབ་དཔར་སྐྲུན། དཔེ་མཛོད་དང་འགྲེམས་སྟོན་ཁང་གི་ཕྱག་དཔེ་དང་བཅའ་དངོས་ཉོ་སྒྲུབ། བོད་ཀྱི་རིག་གཞུང་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཁག་ཏུ་ཕེབས་ཞུགས། ཧི་མ་ལ་ཡའི་རི་བརྒྱུད་དུ་བོད་ཀྱི་རིག་གཞུང་སློབ་གཉེར་དང་བདག་གཉེར་ལས་གཞི་བཅས་ཀྱི་ཁོངས་སུ་ལས་གཞི་ཚད་ལྡན་ཡོད་ཚེ་བཙན་བྱོལ་བོད་གཞུང་ནས་མཐུན་རྐྱེན་རོགས་སྐྱོར་ཕྲན་བུ་སྦྱར་རྒྱུ་ཡིན་ན་ཚོགས་སྡེ་ཁག་དང༌། སྒེར་པ་སོ་སོ་ནས་མཐུན་འགྱུར་ཞུ་འདོད་ཡོད་རིགས་ལས་གཞི་དང་འགྲོ་གྲོན་འཆར་རྩིས་བཅས་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡ ཚེས་༣༡ ནང་ཚུད་བཀའ་དྲུང་ཡིག་ཚང་དུ་འབྱོར་བ་གཏོང་གནང་ཞུ་རྒྱུའི་གསལ་བསྒྲགས་སུ།།
 
གཞས་སྣ་འདེམས་སྒྲིག་གི་གསལ་བསྒྲགས། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
གསལ་བསྒྲགས།

༄༅།། འཛམ་གླིང་ཁྱོན་ཡོངས་ཀྱི་བོད་ཀྱི་གཞས་པ་གཞས་མ་གྲགས་ཅན་རྣམས་ཀྱི་སྙན་ལམ་དུ།

                            ཆེད་ཞུ།  དཔལ་ལྡན་རང་གཞུང་བཀའ་ཤག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༠ ནས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ བར་ལོ་འཁོར་གཅིག་རིང་བོད་མི་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་གནང་རྒྱུར་གཏན་འབེབས་གནང་བ་ལྟར། གང་ཅིའི་འཕྱར་གྲུ་མཉམ་འདེགས་མཚོན་པའི་ཆེད་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་ལ་མཁས་པའི་བགྲོ་གླེང་དང༌། ཚོགས་འདུ། དུས་སྟོན་སོགས་ལས་འཆར་སྣ་ཚོགས་ཤིག་གོ་སྒྲིག་ཞུ་བཞིན་པའི་ཁོངས་སུ་(BFM)ཞེས་པའི་ལས་ཁུངས་ཀྱི་མཐུན་འགྱུར་འོག་ (amazon.com)དང༌། (iTune)དྲྭ་རྒྱའི་ལམ་ནས་བོད་ཀྱི་སྔ་རབས་སྲོལ་རྒྱུན་གཞས་སྣའི་འོད་སྡེར་ཞིག་དང། དེང་དུས་ཀྱི་རོལ་དབྱངས་ལྡན་པའི་བོད་གཞས་འགའ་ཞིག་བཅས་ཁྱོན་གཞས་སྣ་ཁག་གཉིས་འདོན་འཆར་ཡོད་པའི་ཁོངས་ནས། དང་པོ་དེ་བཙན་བྱོལ་གྱི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་འགོ་འཛུགས་ ༢༠༠༩ ཟླ་ ༣ ཚེས་ ༡༠ ཉིན་འདོན་སྤེལ་བྱེད་རྒྱུ་ཡིན། ཚོང་འགྲེམས་བྱས་པའི་ཁེ་འབབ་ཀྱི་བརྒྱ་ཆ་ ༦༠ ཐམ་པ་རང་གཞུང་ནང་སྲིད་ལྷན་ཁང་བརྒྱུད་བཙན་བྱོལ་བོད་མའི་སྤྱི་ཚོགས་བདེ་དོན་དང་བུ་ཕྲུག་གི་ཤེས་ཡོན་ཐོག་ཞལ་འདེབས་འབུལ་རྒྱུ་དང༌། བརྒྱ་ཆ་ ༢༠ ཐམ་པ་འདེམས་ཐོན་གཞས་པ་གཞས་མ་རྣམས་ལ་ཆ་བགོས་ཞུ་རྒྱུ། བརྒྱ་ཆ་ ༢༠ ཐམ་པ་བོད་ཀྱི་ཐེབས་རྩ་ནས་སློབ་ཕྲུག་དང་གྲྭ་བཙུན་གྱི་སློབ་ཡོན་སྦྱིན་བདག་གསར་འཚོལ་ཞུ་རྒྱུའི་མཚོན་ལས་དོན་གང་ཅིར་ཤུགས་ནུས་གོང་སྤེལ་གྱི་ཆེད་དུ་གཏོང་རྒྱུ་ཡིན་ན། རང་རིགས་གཞས་པ་གཞས་མ་གྲགས་ཅན་རྣམ་པས་ཕྱོགས་གཅིག་ནས་རང་རེའི་མཐུན་མོང་མ་ཡིན་པའི་གཞས་སྣ་ (iTune) གྱི་ལམ་ནས་འཛམ་གླིང་རྒྱལ་ཁབ་ཀུན་ལ་དྲིལ་བསྒྲགས་དང༌། གཉིས་ནས་བོད་མི་ནང་ཁུལ་དཔལ་འབྱོར་རོགས་རམ་ཆེད་རང་ནུས་ཞལ་འདེབས་འབུལ་རྒྱུའི་གོ་སྐབས་སུ་དགོངས་བཞེས་ཀྱིས་དྲ་རྒྱའི་ཁ་བྱང་ This e-mail address is being protected from spambots, you need JavaScript enabled to view it ཐོག་འབྲེལ་བ་ངེས་གནང་ཡོད་པ་ཞུ། ད་ལྟའི་ཆར་ཡང་གོང་གསལ་ལས་ཁུངས་ནས་མཐུན་འགྱུར་གྱིས་ཕྱི་ནང་སྒྱུ་སྩལ་གྲགས་ཅན་ཁག་གཅིག་གི་རོལ་དབྱངས་སྣ་འཛོམས་ཀྱི་འོད་སྡེར་ཞིག་(amazon.com)དང༌། (iTune)དྲ་རྒྱའི་ལམ་ནས་ཚོང་འགྲེམས་ཞུ་བཞིན་པ་འདི་སྐོར་ http://www.jamtse.orgཞེས་པར་གཟིགས་ན་གནས་ཚུལ་དང་ཉོ་སྟངས་ཞིབ་ཁྲ་མཁྱེན་རྟོགས་ཐུབ་རྒྱུ་བཅས་དགོངས་འཇགས་ཞུ།

ཨ་རི་བོད་ཀྱི་ཐེབས་རྩ་ཁང་ནས། ༢༠༠༩ ཟླ་ ༡༢ ཚེས་ལ། ཕུལ།།


 
དགེ་རྒན་ས་མིག ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
གསལ་བསྒྲགས།
༄༅། །འདི་ག་སེར་བྱེས་འབྲིང་རིམ་སློབ་གྲྭར་(B.A.B.Ed.)ཤེས་ཡོན་གནས་ཚད་ལེགས་ལྡན་དབྱིན་ཇིའི་སྐད་ཡིག་དགེ་རྒན་གཅིག་དགོས་གལ་ཡོད་པས། ཚད་ལྡན་མཐོ་སློབ་ནས་(B.A.B.Ed.)ཐོན་མ་ཐག་པའམ་ཡང་ན་སློབ་ཁྲིད་གནང་མྱོང་ཡོད་པ་གང་ཞིག་ཞབས་ཞུ་གནང་འདོད་ཡོད་རིགས་ནས་རང་ཉིད་ཀྱི་ཁ་བྱང་དང་ཁ་པར་ཨང་གྲངས། ཨི་མེལ་རྟགས་བཅས་གསལ་འཁོད་ཀྱི་སྙན་ཞུའི་ཐོག ཤེས་ཚད་ལག་འཁྱེར་འདྲ་བཤུས་དང་འདྲ་དཔར་ཁ་གསར་གཅིག་བཅས་ཟླ་གཅིག་ནང་ཚུད་འདི་གའི་ཡིག་ཚང་དུ་འབྱོར་ངེས་གཏོང་གནང་དགོས་རྒྱུའི་གསལ་བསྒྲགས་སུ། སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་སྤྱིའི་ཡིག་ཚང་ནས་ཕྱི་ལོ་༢༠༠༨ ཟླ་༡༢ ཚེས་༢༥ ལ།།
Principal
Sera Je Secondary School
(Affiliated to C.B.S.E)
bylakuppe-571104
Mysore Dist.Karnataka
INDIA
 
ལེགས་ཚོགས་རྒྱ་མཚོའི་གསལ་བསྒྲགས། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
གསལ་བསྒྲགས།

༄༅། །སྦེལ་ཀོབ་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ལྷུན་འགྲུབ་དཔལ་འབྱོར་མཆོག་ལ།

ཆེད་ཞུ།

སྐུ་ཉིད་ཀྱིས་སྒྲིག་གཞི་དང་ལམ་སྟོན་ཁག་ལས་ཁུངས་ཀྱི་འགྲོ་ཕྱོགས་དང་འགལ་བའི་ལས་དོན་བྱེད་བཞིན་འདུག་པ། གཤམ་གསལ་ལྟར།

༡ སྐབས་༡༤ པའི་སྤྱི་འཐུས་རྣམ་པ་གསུམ་སྦེལ་ཀོབ་ཏུ་ཕེབས་སྐབས་ཀྱི་ལས་སྡོམ་སྙན་ཐོའི་འདྲ་བཤུས་རང་བདེན་ཚོགས་ཆུང་དུ་བསྐུར་བ་ཚོགས་ཆུང་ལ་མ་སྤྲད་པར་སྒེར་ཉར་བྱས་འདུག

དེ་ལས་མང༌།...
 
ཆོས་བརྡ་གསལ་བསྒྲགས། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
གསལ་བསྒྲགས།

༈ འཛམ་གླིང་ཡུལ་གྲུ་གང་ས་ནས་སྤྱིར་ནང་ཆོས་དང་ལྷག་པར་ཟབ་ལམ་འཇའ་ལུས་འཕོ་བའི་གདམས་ངག་ཉམས་ལེན་ལ་དོན་གཉེར་ཅན་མང་དག་ཞིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་

དེ་ལས་མང༌།...
 
«འགོ་འཛུགས།སྔོན།123འཕྲོས།རྫོགས་སོ།»

ཤོག་ངོས། 1 of 3
Banner